Vmall ནི་ཧྭ་ཝེའི་མཉེན་ཆས་ལག་རྩལ་ཚད་ཡོད་ཀུང་སི་ (གཤམ་ལ་མཉམ་དུ་ང་ཚོའམ་ཧྭ་ཝེ་ཞེས་འབོད།) ཡིས་གཉེར་སྐྱོང་བྱ། ཧྭ་ཝེའི་མཐའ་སྣེའི་སྤྱོད་མཁན་ལ་རྩ་གཉིས་རྟགས་རིས་བཤེར་ནས་ཐོ་འཇུག ཚོང་ཟོག་ལྟ་བཤེར། དྲ་ཐོག་ཁ་ཆད་བྱེད་པ། དྲ་ཐོག་ཉོ་བ། ཟོག་འདྲེན་དང་སྐྱེལ་འགྲེམས། དྲ་བ་དང་ས་ཚིགས་འདྲི་རྩད་བཅས་ཀྱི་མཉེན་ཆས་མཁོ་འདོན་བྱེད། ཁྱེད་མི་སྒེར་གྱི་ཆ་འཕྲིན་ཀྱི་གལ་ཆེའི་རང་བཞིན་ང་ཚོས་གསལ་པོར་ཤེས་རྟོགས་ཡོད་གསལ་ཡིན་པ་མ་ཟད། ནུས་པ་གང་ཡོད་ཀྱིས་ཁྱེད་མི་སྒེར་ཆ་འཕྲིན་གྱི་བདེ་འཇགས་དང་ཁུངས་ལྡན་ལ་སྲུང་སྐྱོབ་བྱེད། ང་ཚོས་ཁེ་ལས་ལས་རིགས་ཀྱི་གནད་སྨིན་འཐུས་ཚང་གི་བདེ་འཇགས་ཚད་གཞི་གཞིར་བཟུང་ནས་དེ་དང་མཐུན་པའི་བདེ་འཇགས་སྲུང་སྐྱོབ་བྱེད་ཐབས་སྤྱད་ནས་ཁྱེད་མི་སྒེར་གྱི་ཆ་འཕྲིན་ལ་སྲུང་སྐྱོབ་བྱེད་རྒྱུ་ཁས་ལེན།
ང་ཚོའི་ཐོན་རྫས་ (སམ་ཞབས་ཞུ་)མ་སྤྱོད་པའི་གོང་དུ། Vmall དང་གསང་བའི་གསལ་བསྒྲགས་སྐོར་ཞེས་པ་འདི་ནན་ཏན་གྱིས་ཀློག་པ་མ་ཟད་རྒྱུས་མངའ་ལོན་པ་གནང་རོགས།
ཁྱེད་ཀྱིས་ཁྱེད་རང་ཐོན་རྫས་འདིའམ་ཞབས་ཞུ་འདི་སྤྱོད་འགོ་འཛུགས་དུས་དར་མ་ཞིག་ཡིན་པ་ཁས་ལེན་དགོས། གལ་སྲིད་ཁྱེད་ལོ་ན་མ་སོན་པ་ཡིན་ཚེ་ཁྱེད་ཀྱི་ལྟ་སྐྱོང་བྱེད་མིས་ཁྱེད་ཀྱིས་ཉེར་སྤྱོད་འདི་བེད་སྤྱོད་པར་མོས་མཐུན་བྱེད་དགོས་པ་མ་ཟད་འབྲེལ་ཡོད་ཉེར་སྤྱོད་ཀྱི་ཞབས་ཞུའི་དོན་ཚན་ལ་མོས་མཐུན་བྱེད་དགོས།
གལ་སྲིད་ཁྱེད་ལ་དོགས་གནད་བསམ་འཆར་རམ་གྲོས་གཞི་གང་ཞིག་ཡོད་རུང་ཞབས་ཞུའི་ཁ་པར་ 400-830-8300 འམ་ 800-830-8300 (གདན་འཇོག་ཁ་པར།) བརྒྱུད་ནས་འབྲེལ་གཏུག་གནང་བའམ་དྲ་ཐོག་གི་ཞབས་ཞུ་པ་བརྒྱུད་ནས་ང་ཚོ་དང་འབྲེལ་གཏུག་གནང་བའམ་དེ་ང་ཚོའི་འཛམ་གླིང་ཡོངས་ཀྱི་དོན་གཅོད་ཁང་དུ་ཡར་འབུལ་རོགས། གལ་སྲིད་དོན་གཅོད་ཁང་གི་ཆ་ཚང་བའི་རེའུ་མིག་ཐོབ་ཐབས་བྱ་དགོས་ཚེ་“ཧྭ་ཝེའི་དྲ་ངོས་དང་”འབྲེལ་གཏུག་གནང་ནས་ལྟ་སྤྱོད་གནང་རོགས།
ང་ཚོས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཆེད་གཉེར་ལས་འགན་གྱི་སྡེ་ཁག་ (གམ་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོབ་ཆེད་བཏང་མི་སྣ་)གསར་འཛུགས་སམ་བསྐོ་གཞག་བྱས་ཡོད། ཁྱེད་ཀྱིས་གློག་རྡུལ་སྦྲག་ཡིག་ consumer_privacy@huawei.com རུ་སྐུར་བ་བརྒྱུད་ནས་དེ་དང་འབྲེལ་གཏུག་གནང་ཐུབ།
སྤྱིར་བཏང་གི་གནས་ཚུལ་འོག་ང་ཚོས་ཟླ་བ་གཅིག་གི་ནང་དུ་ལན་སློག་ངེས།
གལ་སྲིད་ཁྱེད་ཀྱིས་ང་ཚོས་ལན་འདེབས་པ་དེ་བློ་ལ་མ་བབ་ན། ལྷག་པར་དུ་ང་ཚོས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་པའི་བྱ་སྤྱོད་ཀྱིས་ཁྱེད་ཀྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་བཏང་བ་ཡིན་ཚེ། ཁྱེད་ཀྱིས་དོ་དམ་དབང་ཆ་ཡོད་པའི་མི་དམངས་ཁྲིམས་ཁང་ལ་ཞུ་གཏུག་རྒྱག་པ་དང་ལས་རིགས་རང་བདག་མཐུན་ཚོགས་སམ་སྲིད་གཞུང་འབྲེལ་ཡོད་དོ་དམ་ལས་ཁུངས་ལ་ཞུ་གཏུག་རྒྱག་པ་སོགས་ཀྱི་ཕྱི་རོལ་ཐབས་ལམ་བརྒྱུད་ནས་ཐག་གཅོད་བྱེད་ཆོག
མི་སྒེར་གྱི་ཆ་འཕྲིན་ནི་གློག་རྡུལ་ལམ་གཞན་གྱི་བྱེད་ཐབས་ཀྱིས་ཟིན་ཐོ་འགོད་པའི་ཁེར་རྐྱང་ངམ་གཞན་གྱི་ཆ་འཕྲིན་དང་ཟུང་འབྲེལ་བྱེད་དེ། ཆེད་བཙུགས་སྤྱི་དམངས་ཀྱི་ཐོབ་ཐང་དབྱེ་བ་འབྱེད་པའམ་ཆེད་བཙུགས་སྤྱི་དམངས་ཀྱི་བྱེད་སྒོའི་གནས་ཚུལ་མཚོན་ཐུབ་པའི་ཆ་འཕྲིན་སྣ་ཚོགས་ལ་ཟེར།
མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་ནང་དུ་ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས་དང་མི་སྒེར་གྱི་སྐྱེ་དངོས་དབྱེ་འབྱེད་ཀྱི་ཆ་འཕྲིན་དངུལ་ཁང་གི་དྲ་གྲངས་རྒྱུ་ནོར་གྱི་ཆ་འཕྲིན་འགྲོ་འདུག་གི་བགྲོད་ཤུལ་ཉོ་ཚོང་གི་ཆ་འཕྲིན་ལོ་14 མན་དང་ (ཚུད་པའི་) ཕྲུ་གུའི་མི་སྒེར་གྱི་ཆ་འཕྲིན་སོགས་ཚུད་ཡོད།
ང་ཚོས་གསལ་བསྒྲགས་འདིའི་ནང་དུ་བྲིས་པའི་གཤམ་གྱི་དམིགས་ཡུལ་ཁོ་ནར་གཞིར་བཟུང་ནས་ཁྱེད་མི་སྒེར་གྱི་ཆ་འཕྲིན་སྡུད་པ་དང་བེད་སྤྱོད།
ཁྱེད་ཀྱིས་ Vmall སྤྱོད་སྐབས་སུ། ཁྱེད་ཀྱིས་ཧྭ་ཝེའི་རྩིས་ཐེམ་སྤྱོད་ནས་ Vmall ཐོ་འཇུག་བྱེད་ཆོག དེ་ནི་ང་ཚོས་ཁྱེད་ལ་ཚོགས་མིའི་ཞབས་ཞུ་མཁོ་འདོན་བྱེད་བདེ་བའི་ཆེད་དུ་ཡིན། ཐོ་འཇུག་བྱེད་སྐབས་སུ། ང་ཚོས་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐེམ་ཆ་འཕྲིན་སྡུད་དགོས། དེའི་ནང་དུ་རྩིས་ཐེམ། ལག་ཐོག་ཁ་པར་ཨང་གྲངས་དང་གློག་རྡུལ་སྦྲག་ཡིག་བཅས་ཚུད་ཡོད། རྩིས་ཐེམ། ལག་ཐོག་ཁ་པར་ཨང་གྲངས་དང་གློག་རྡུལ་སྦྲག་ཡིག་བཅས་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། རྩིས་ཐེམ་སྡུད་པའི་དམིགས་ཡུལ་ནི་ཁྱེད་ལ་ཐོ་འཇུག་དང་ཚོང་ཟོག་མངག་ཐོ་སྐུར་རོགས་བྱེད་ཆེད་རེད། ལག་ཐོག་ཁ་པར་ཨང་གྲངས་དང་གློག་རྡུལ་སྦྲག་ཡིག་སྡུད་པའི་དམིགས་ཡུལ་ནི་ཚོང་ཟོག་མངག་ཐོ་རྒྱུན་ལྡན་མིན་དུས། ང་ཚོས་ཁྱེད་ཀྱི་ཐོ་འགོད་པའི་ལག་ཐོག་ཁ་པར་ཨང་གྲངས་སམ་གློག་རྡུལ་སྦྲག་ཡིག་བརྒྱུད་ནས་ཚོང་ཐོག་མངག་ཐོ་སྐུར་མཁན་དང་འབྲེལ་གཏུག་བྱ་ཆེད་ཡིན།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་ Vmall ཐོ་འཇུག་བྱ་ཐབས་བྲལ་བ་དང་རྒྱུན་ལྡན་ལྟར་ Vmall ཡི་ནང་དུ་ཚོང་ཟོག་ཉོ་ཐབས་བྲལ།
གལ་སྲིད་ཁྱེད་ཀྱིས་འཐོལ་པའི་ཆ་འཕྲིན་གཅེས་མིང་མགོ་པར་སྐྱེས་སྐར་བཅས་མཁོ་འདོན་བྱེད་ཚེ། ང་ཚོས་ཁྱེད་ལ་སྔར་ལས་ལེགས་པའི་ཞབས་ཞུ་དང་ཉམས་ཞིབ་མཁོ་འདོན་བྱ་བར་རོགས་རམ་ཡོད། ཁྱེད་ཀྱི་སྐྱེས་སྐར་ཡིན་སྐབས་སུ། དེ་དང་མཐུན་པའི་ཁྱད་དབང་གི་བྱེད་སྒོ་ཡོད་སྲིད། དཔེར་ན་འཛིན་ཤོག་ལེན་པ་དང་ཉོ་སྒྲུབ་ཀྱི་གསོག་གྲངས་ལྡབ་གྲངས་ཐོག་ནས་འཕར་བ་སོགས། ཁྱེད་ཀྱིས་ཆ་འཕྲིན་འདི་ཚོ་མཁོ་འདོན་མི་བྱེད་ཚེ་ཞབས་ཞུ་འདིའི་གཙོ་བོའི་བྱེད་ནུས་སྤྱོད་པར་ཤུགས་རྐྱེན་ཐེབས་མི་སྲིད།
ང་ཚོས་གོང་བརྗོད་ཆ་འཕྲིན་ཞབས་ཞུའི་སྟེགས་བུའི་ཐོག་ཏུ་གསོག་འཇོག་བྱ་སྲིད། དེ་ནི་ཆ་འཕྲིན་འདྲི་རྩད་བྱ་བར་སྤྱོད། དེར་བརྟེན་ལས་སྒོའི་ཉམས་ཞིབ་ཁག་ཐེག་བྱ།
ཁྱེད་ཀྱིས་ Vmall ལྟ་བཤེར་བྱེད་སྐབས་སུ། ང་ཚོས་ཁྱེད་སྒྲིག་ཆས་ཀྱི་ཆ་འཕྲིན་དང་དྲ་རྒྱའི་ཆ་འཕྲིན་སྡུད་སྲིད། དེའི་ནང་དུ་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས། ཐོན་རྫས་ཀྱི་བཟོ་རྟགས། བཀོལ་སྤྱོད་མ་ལག་གི་རིགས། མཁོ་མཁན་སྣེའི་པར་གཞིའི་ཨང་རྟགས། IP ས་གནས། ལྟ་བཤེར་གྱི་ཟིན་ཐོ། གནོན་པའི་ཟོན་ཐོ་བཅས་ཚུད་ཡོད། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་སྤྱོད་མཁན་གྱི་དྲ་ཐོག་ཚོང་ཟོག་ཉོ་བའི་བྱ་སྤྱོད་ལ་དབྱེ་ཞིབ་བྱེད་ཆེད་ཡིན། དེ་ནི་སྟེགས་བུའི་བྱེད་ནུས་ལེགས་སུ་གཏོང་ཆེད་དང་སྤྱོད་མཁན་ལ་སྔར་ལས་ལེགས་པའི་ཉམས་ཞིབ་དང་ཞབས་ཞུ་མཁོ་འདོན་བྱེད་ཆེད་ཡིན། IP ས་གནས་སྡུད་པའི་དམིགས་ཡུལ་ནི་བཞུར་ཚད་ལ་བསྡོམས་རྩིས་རྒྱག་ཆེད་དང་སེམས་ངན་གྱི་ཚུར་རྒོལ་སྔོན་འགོག་གམ་ལམ་བར་དུ་འགོག་ཆེད་ཡིན།
ཁྱེད་ཀྱིས་ Vmall ཡི་ཐོག་ཏུ་ཚོང་ཟོག་མངག་དུས། ང་ཚོས་ཁྱེད་ཀྱི་ལག་ཐོག་ཁ་པར་ཨང་གྲངས་སྡུད་དགོས། ལག་ཐོག་ཁ་པར་ཨང་གྲངས་ནི་མི་སྒེར་གྱི་ཚོར་བ་རྣོན་པའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ཀྱིས་མངག་པའི་ཚོང་ཟོག་འབྱོར་དུས་ཁྱེད་ལ་བརྡ་ཐོ་གཏོང་ཆེད་ཡིན།།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ང་ཚོས་ཁྱེད་ཀྱི་མངག་པའི་ཚོང་ཟོག་འབྱོར་དུས་ཁྱེད་ལ་བརྡ་ཐོ་གཏོང་ཐབས་བྲལ།།
ཁྱེད་ཀྱིས་ Vmall ཡི་ཐོག་ཏུ་ཚོང་ཟོག་ཉོ་དུས། ཚོང་ཟོག་མངག་ཐོ་ལག་ལེན་བསྟར་ཆེད་དུ་ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་སྡུད་དགོས། འདི་དག་ནི་ཚོང་ཟོག་རྩིས་ལེན་མཁན་གྱི་ས་གནས། རུས་མིང་། ཁ་པར་དང་སྦྲག་ཨང་བཅས་ཡིན། དུས་མཚུངས། ཚོང་ཟོག་མཛོད་ཁང་ནང་ནས་ཕྱིར་ཐོན་དོ་དམ་བྱེད་བདེ་བའི་ཆེད་དུ་དང་འཚོང་རྗེས་ཞབས་ཞུ་མཁོ་འདོན་བྱེད་བདེ་བའི་ཆེད་དུ། ཚོང་ཐོག་མཛོད་ཁང་ནང་ནས་ཕྱིར་ཐོན་དུས་ཁྱེད་སྒྲིག་ཆས་ཀྱི་གསལ་འབྱེད་རྟགས་ཟིན་ཐོ་འགོད་དགོས། དེའི་ནང་ནས་ཁ་པར་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་དང་འབྲེལ་གཏུག་བྱེད་ཐུབ་པའི་ཆེད་དུ་ཡིན་པ་མ་ཟད་དེ་དང་མཐུན་པའི་བྱ་དགའ་སྤྲོད་ཆེད་ཡིན།
ང་ཚོས་གོང་བརྗོད་ཆ་འཕྲིན་ཞབས་ཞུའི་སྟེགས་བུའི་ཐོག་ཏུ་གསོག་འཇོག་བྱ་ངེས། ཚོང་ཟོག་མངག་ཐོ་ལག་ལེན་བསྟར་བ་དང་འཚོང་རྗེས་ཞབས་ཞུའི་རྒྱུ་རྐྱེན་གྱིས་རྐྱེན་པས། འདིའི་རིགས་ཀྱི་གཞི་གྲངས་ཕྱོགས་གསུམ་པའི་བཀར་འཇུག ཟོག་འདྲེན། ཞབས་ཞུ་མཁོ་འདོན་ཚོང་པ་བཅས་དང་མཉམ་སྤྱོད་བྱེད་སྲིད། གལ་སྲིད་ཁྱེད་ཀྱིས་ཕྱོགས་གསུམ་པའི་ཚོང་ཁང་ནས་ཚོང་ཟོག་ཉོ་བ་ཡིན་ཚེ། ཁྱེད་ཀྱི་ཚོང་ཟོག་མངག་ཐོའི་ཆ་འཕྲིན་ད་དུང་ཕྱོགས་གསུམ་པའི་ཚོང་པ་དང་མཉམ་སྤྱོད་བྱེད་སྲིད།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ང་ཚོས་ཚོང་ཟོག་སྐུར་བ་དང་སྐྱེལ་འགྲེམས་དེ་བཞིན་འཚོང་རྗེས་ཞབས་ཞུ་མཁོ་འདོན་བྱ་ཐབས་བྲལ།
སྤྱོད་མཁན་གྱིས་བྱ་དགའ་འཐེན་པ་དང་གོང་ཁེའི་འཛིན་ཤོག་ལེན་པའི་བྱེད་སྒོའི་ནང་དུ་ཞུགས་སྐབས་སུ། པ་སེ་བར་ཚོང་རྒྱག་མཁན་གྱིས་འཛིན་ཤོག་དང་བྱ་དགའ་སྔོན་དུ་ཉོ་བ་སྔོན་འགོག་བྱ་ཆེད་དུ། སྤྱོད་མཁན་ལ་དངོས་མིང་ཐོག་ནས་ར་སྤྲོད་དགོས་རྒྱུའི་རེ་བ་འདོན་སྲིད། དེར་སྤྱོད་མཁན་གྱིས་རུས་མིང་། ལག་ཐོག་ཁ་པར་ཨང་གྲངས། ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས། དངུལ་ཁང་བྱང་བུའི་ཨང་རྟགས་བཅས་མཁོ་འདོན་བྱེད་ནས་ར་སྤྲོད་དགོས། གལ་སྲིད་བྱ་དགའ་ཐོབ་ཚེ། ད་དུང་བྱ་དགའ་ཐོབ་མཁན་མིའི་རུས་མིང་། ཁ་པར། ཚོང་ཟོག་རྩིས་ལེན་གྱི་ས་གནས་བཅས་མཁོ་འདོན་བྱ་དགོས། དེའི་ནང་ནས་ཁ་པར་དང་ཐོབ་ཐང་ལག་ཁྱེར་ཨང་རྟགས་དེ་བཞིན་དངུལ་ཁང་བྱང་བུའི་ཨང་རྟགས་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ལ་དངོས་མིང་ར་སྤྲོད་བརྒྱུད་ནས་བྱ་དགའ་དང་འཛིན་ཤོག་ལེན་པའི་ཐོབ་ཐང་ཐོབ་པ་བྱེད་ཆེད་དུ་ཡིན། དེ་བཞིན་བྱ་དགའ་སྤྲོད་དུས་ཁྱེད་ལ་འབྲེལ་གཏུག་བྱ་ཐུབ་ཆེད་ཡིན།
དངོས་མིང་ར་སྤྲོད་ཀྱི་བར་ཚིགས་ནང་སྡུད་པའི་ཆ་འཕྲིན་ནི་ཕྱོགས་གསུམ་པའི་དངུལ་སྤྲོད་ལས་ཁུངས་ཀྱི་ཐོབ་ཐང་ར་སྤྲོད་ཆེད་དུ་ཁོ་ནར་སྤྱོད། Vmall ཡིས་ལྡོག་འགྱུར་མི་ཐུབ་པའི་གསང་སྡོམ་གྱི་བྱ་ཐབས་བརྒྱུད་ནས་ཐོབ་ཐང་ལག་ཁྱེར་གྱི་ཨང་རྟགས་གསོག་འཇོག་བྱེད། དེ་ནི་ལག་སྒོའི་ཉེན་ཁ་ཚོད་འཛིན་བྱ་ཆེད་དུ་སྤྱོད། འོན་ཀྱང་དངོས་མིང་ར་སྤྲོད་བར་ཚིགས་ཀྱི་རུས་མིང་དང་། ལག་ཐོག་ཁ་པར་ཨང་གྲངས་དེ་བཞིན་དངུལ་ཁང་བྱང་བུའི་ཨང་རྟགས་བཅས་ཉར་གསོག་མི་བྱེད། ཆ་འཕྲིན་སྐྱེལ་འདྲེན་གྱི་བརྒྱུད་རིམ་ནང་དུ་ང་ཚོས་གསང་སྡོམ་གྱི་བྱ་ཐབས་སྤྱད། དེ་ནི་ཆ་འཕྲིན་གྱི་བདེ་འཇགས་འགན་ལེན་བྱ་ཆེད་ཡིན། བྱ་དགའ་ཐོབ་མཁན་གྱི་ཆ་འཕྲིན་ཁྱབ་བསྒྲགས་བྱ་སྐབས་སུ་མིང་མ་འགོད་པའི་ཐོག་ནས་མངོན་པར་བྱེད།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་བྱ་དགའ་འཐེན་པ་དང་འཛིན་ཤོག་ལེན་པའི་བྱེད་སྒོའི་ནང་དུ་ཞུགས་ཐབས་བྲལ།
ཁྱེད་ཀྱིས་ Vmall ལ་ལན་འཕྲིན་འཇོག་ནས་ལྡོག་འདྲེན་བྱ་བ་དང་དཔྱད་གཏམ་བརྗོད་སྐབས་སུ། ང་ཚོས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་སྡུད་དགོས། འདི་དག་ནི་རྩིས་ཐེམ་གྱི་ཆ་འཕྲིན་དང་། གཅེས་མིང་། མགོ་པར། ལན་འཕྲིན་འཇོག་པའི་ཆ་འཕྲིན། དཔྱད་གཏམ་གྱི་ནང་དོན་བཅས་ཡིན། དེའི་ནང་ནས་རྩིས་ཐེམ་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། རྩིས་ཐེམ་སྡུད་པའི་དམིགས་ཡུལ་ནི་ཁྱེད་ལ་ཐོ་འཇུག་དང་ལན་འཕྲིན་འཇོག་ནས་ལྡོག་འདྲེན་དང་དཔྱད་གཏམ་བརྗོད་པའི་ནང་དུ་ཞུགས་པར་རོགས་རམ་བྱེད་ཆེད་ཡིན། ཁྱེད་དཔྱད་གཏམ་ནང་དུ་ཞུགས་དུས་ཁྱེད་ཀྱི་གཅེས་མིང་དང་མགོ་པར་སྟོན་སྲིད། འོན་ཀྱང་གཅེས་མིང་མིང་མ་འགོད་པའི་ཐོག་ནས་སྟོན།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ང་ཚོས་ཁྱེད་ཀྱི་ལན་འཕྲིན་གྱི་ལྡོག་འདྲེན་དང་དཔྱད་གཏམ་བསྡུ་ལེན་བྱ་ཐབས་བྲལ།
ང་ཚོས་གོང་བརྗོད་ཆ་འཕྲིན་ཞབས་ཞུའི་སྟེགས་བུའི་ཐོག་ཏུ་གསོག་འཇོག་བྱ་ངེས། ཕྱིར་སྟོན་དུས། རྩིས་ཐེམ་དང་སྤྱོད་མཁན་གྱི་གཅེས་མིང་མིང་མ་འགོད་པའི་ཐོག་ནས་ཐག་གཅོད་པ་ཐོག་མ་ནས་ཁས་ལེན།
ཁྱེད་ཀྱིས་སྐུད་བྲལ་ཚོང་ཁང་སྤྱོད་ནས་འདྲི་རྩད་བྱེད་སྐབས་སུ། ཁྱེད་ཀྱིས་འདྲི་རྩད་བྱེད་འདོད་པའི་ཚོང་ཁང་མགྱོགས་མྱུར་ངང་ནས་འདྲི་རྩད་བྱེད་ཐུབ་ཆེད་དུ། ང་ཚོས་ཁྱེད་ཀྱི་གནས་ཡུལ་ཆ་འཕྲིན་སྡུད་དགོས། གནས་ཡུལ་ཆ་འཕྲིན་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། གནས་ཡུལ་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ལ་ཉེ་འགྲམ་གྱི་ཚོང་ཁང་མགྱོགས་མྱུར་ངང་ནས་འདྲི་རྩད་བྱ་རོགས་བྱེད་ཆེད་ཡིན། འོན་ཀྱང་ང་ཚོས་ཁྱེད་ཀྱི་གནས་ཡུལ་ཆ་འཕྲིན་ཉར་གསོག་བྱེད་མི་སྲིད།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ།ང་ཚོས་ཁྱེད་ལ་ཉེ་འགྲམ་གྱི་ཚོང་ཁང་མགྱོགས་མྱུར་ངང་ནས་འདྲི་རྩད་བྱ་རོགས་བྱེད་ཐབས་བྲལ།
ཁྱེད་ཀྱིས་སྐད་འཕྲིན། QQ དངུལ་སྤྲོད་ནོར་བུ། པོད་འཕྲིན་བཅས་སྤྱོད་ནས་ཧྭ་ཝེའི་རྩིས་ཐེམ་ཐོ་འཇུག་བྱེད་སྐབས་སུ། ང་ཚོས་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་དང་མཉམ་ལས་བྱེད། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པའི་ཁྲོད་ནས་ཁྱེད་མི་སྒེར་གྱི་ཆ་འཕྲིན་ཐོབ་ཐབས་བྱེད། ཁྱེད་ཀྱི་མོས་མཐུན་ཐོབ་རྗེས་སུ་ཁྱེད་ཀྱི་གཤམ་གསལ་མི་སྒེར་གྱི་ཆ་འཕྲིན་ཐོབ་ཐབས་བྱེད། འདི་ཚོ་ནི་མགོ་པར་དང་གཅེས་མིང་ཡིན།
གོང་གི་ཆ་འཕྲིན་ཧྭ་ཝེའི་རྩིས་ཐེམ་གྱི་མགོ་པར་དང་གཅེས་མིང་དུ་སྤྱོད་པ་མ་ཟད་ཁྱེད་ཀྱིས་མོས་མཐུན་བྱེད་པའི་ཁྱབ་ཁོངས་ནང་དུ་བེད་སྤྱོད།
གལ་སྲིད་ང་ཚོས་ལས་སྒོ་སྤེལ་དུས། མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་དགོས་པའི་བྱེད་སྒོའི་ཁྱབ་ཁོངས་ཁྱེད་ཀྱིས་དང་ཐོག་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་བྱེད་དུས་དབང་བཅོལ་བར་མོས་མཐུན་ཡོད་པའི་ཁྱབ་ཁོངས་ལས་རྒལ་ཚེ། ང་ཚོས་ཁྱེད་ཀྱི་འདི་ལ་སོགས་པའི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་མ་བྱེད་གོང་དུ། ཁྱེད་ཀྱི་མོས་མཐུན་ཐོབ་པར་བྱེད། དེ་མིན། ང་ཚོས་ཀྱང་ནན་ཏན་གྱིས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་འབེབས་ལ་བརྩི་སྲུང་ཞུ་ངེས་ཡིན་པ་མ་ཟད། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་ཁོ་ཚོས་མཁོ་འདོན་བྱས་པའི་ཆ་འཕྲིན་གྱི་ཁྲིམས་མཐུན་རང་བཞིན་ཁག་ཐེག་བྱེད་དགོས་རྒྱུའི་རེ་བ་འདོན།
ང་ཚོས་དགོས་ངེས་སུ་ཁྱེད་ལ་ཞབས་ཞུ་འབྲེལ་ཡོད་ཀྱི་གནས་ཚུལ་སྐུར་སྲིད། (དཔེར་ན། ཟོག་འདྲེན་སྐྱེལ་འགྲེམས་ཀྱི་ཆ་འཕྲིན། མ་ལག་སྲུང་འཛིན། བདེ་འཇགས་ཀྱི་དྲན་སྐུལ་སོགས།) ཁྱེད་ཀྱིས་ཞབས་ཞུ་འབྲེལ་ཡོད་བརྡ་ཁྱབ་ཀྱི་རིགས་མིན་པའི་གལ་ཆེའི་བརྡ་ཐོ་འདི་ཚོ་རྩིས་མེད་དུ་གཏོང་ཐབས་བྲལ།
ང་ཚོས་ཆ་འཕྲིན་གསལ་བསྒྲགས་འདིའི་ནང་དུ་གསལ་པོར་འཁོད་མེད་པའི་གཞན་གྱི་སྤྱོད་སྒོར་སྤྱོད་ཚེ་སྔོན་དུ་ཁྱེད་ཀྱི་མོས་མཐུན་ཡོད་མེད་འདྲི་རྩད་བྱེད།
ང་ཚོས་ཆེད་བཙུགས་ཀྱི་དམིགས་ཡུལ་ལ་གཞིགས་ནས་སྡུད་པའི་ཆ་འཕྲིན་གཞན་གྱི་དམིགས་ཡུལ་དུ་སྤྱོད་དུས་སམ་ཕྱོགས་གསུམ་པ་དང་མཉམ་ལས་ཀྱི་ལས་སྒོ་སྤེལ་བར་སྤྱོད་དུས་སྔོན་ལ་ཁྱེད་ཀྱི་མོས་མཐུན་ཡོད་མེད་འདྲི་རྩད་བྱེད།
ཉེར་སྤྱོད་འདིའི་ནང་གི་ཞབས་ཞུ་ཁ་ཤས་ཀྱི་ནང་དོན་ནི་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་མཁོ་འདོན་བྱས་པ་ཡིན། དེར་བརྟེན་ང་ཚོས་ཁྱེད་མི་སྒེར་གྱི་ཆ་འཕྲིན་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་མཁོ་འདོན་བྱེད་དགོས། ཞིབ་ཕྲ་གཤམ་གསལ་ལྟར།
ཁྱེད་ཀྱིས་དངོས་མིང་ར་སྤྲོད་སྐབས་སུ། ང་ཚོ་དང་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པ་དབྱི་པོའོ་དངུལ་སྤྲོད་ཀུང་སིས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་སྡུད་དགོས། འདི་ཚོ་ནི་རུས་མིང་། ལག་ཐོག་ཁ་པར་ཨང་གྲངས། ཐོབ་ཐང་ལག་ཁྱེར་ཨང་རྟགས་དང་དངུལ་ཁང་བྱང་བུའི་ཨང་རྟགས་བཅས་ཡིན། དེའི་ནང་ནས་ལག་ཐོག་ཁ་པར་ཨང་གྲངས་དང་ཐོབ་ཐང་ལག་ཁྱེར་ཨང་རྟགས་དེ་བཞིན་དངུལ་ཁང་བྱང་བུའི་ཨང་རྟགས་བཅས་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཕྱོགས་གསུམ་པའི་དངུལ་སྤྲོད་ལས་ཁུངས་དབྱི་པོའོ་དངུལ་སྤྲོད་ཀྱི་ཐོབ་ཐང་ར་སྤྲོད་པ་ཁོ་ནར་སྤྱོད།
ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་དངོས་མིང་ར་སྤྲོད་སྒྲུབ་ཐབས་བྲལ་ལ་དངོས་མིང་ར་སྤྲོད་སྤྱོད་མཁན་གྱི་ཁྱད་དབང་ལོངས་སུ་སྤྱོད་ཐབས་བྲལ། དཔེར་ན་བྱ་དགའ་འཐེན་པ། གྲངས་ཚད་ཅུང་ཆེ་བའི་གོང་ཁེའི་འཛིན་ཤོག་ལེན་པ་སོགས།
ཁྱེད་ཀྱིས་ Vmall ཡི་ཐོག་ live800 དྲ་ཐོག་འདྲི་རྩད་མཉེན་ཆས་སྤྱོད་ནས་དྲ་ཐོག་འདྲི་རྩད་བྱ་སྐབས་སུ། ང་ཚོ་དང་ live800 དྲ་ཐོག་འདྲི་རྩད་མཉེན་ཆས་མཁོ་འདོན་ཚོང་པ་ཁྲེན་ཏུའུ་ཅིན་ཁེའེ་ཅ་ཚན་རྩལ་ཚད་ཡོད་ཀུང་སིས་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐེམ་དང་སྤྱོད་མཁན་གྱི་མིང་དེ་བཞིན་ཁ་བརྡ་གློད་པའི་ཟིན་ཐོ་བཅས་སྡུད་དགོས།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ང་ཚོའི་ཞབས་ཞུའི་མི་སྣས་ཁྱེད་ཀྱི་དྲ་ཐོག་འདྲི་རྩད་ཀྱི་ཆ་འཕྲིན་བསྡུ་ལེན་བྱ་ཐབས་བྲལ་ལ་ཁྱེད་ལ་དྲ་ཐོག་འདྲི་རྩད་ཀྱི་ཞབས་ཞུ་མཁོ་འདོན་བྱ་ཐབས་བྲལ།
ཉེར་སྤྱོད་འདིའི་ནང་གི་རྙིང་པས་གསར་པ་དང་བརྗེ་བའི་ཞབས་ཞུ་ནི་ཚུར་སྡུད་ནོར་བུ་ཀུང་སིའམ་ཧྲང་ཧའེ་གཡོས་དབྱི་དྲ་རྒྱ་ཆ་འཕྲིན་ཚན་རྩལ་ཚད་ཡོད་ཀུང་སིས་མཁོ་འདོན་བྱས། བྱེད་ནུས་འདི་མངོན་འགྱུར་ཡོང་ཆེད་དུ། ང་ཚོ་དང་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐེམ། མགོ་པར། གཅེས་མིང་། རུས་མིང་། ལག་ཐོག་ཁ་པར་ཨང་གྲངས། ས་གནས་བཅས་སྡུད་དགོས། དེའི་ནང་ནས་ལག་ཐོག་ཁ་པར་ཨང་གྲངས་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཁྱེད་ཀྱིས་རྙིང་པས་གསར་པ་དང་བརྗེ་ཚར་རྗེས། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་ Vmall ཡི་ཚབ་དངུལ་འཛིན་ཤོག་ཁྱེད་ཀྱི་ཧྭ་ཝེའི་རྩིས་ཐེམ་ཐོག་ཏུ་སྐུར་ཆེད་ཡིན། ཁྱེད་ཀྱིས་རྙིང་པས་གསར་པ་དང་བརྗེ་ཐབས་བྲལ་དུས། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་ལག་ཐོག་ཁ་པར་ཁྱེད་ལ་ཕར་སྐུར་ངེས།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་རྙིང་པས་གསར་པ་དང་བརྗེ་བའི་བྱེད་སྒོའི་ནང་དུ་ཞུགས་ཐབས་བྲལ།
ཉེར་སྤྱོད་འདིའི་ནང་གི་ལག་ཐོག་ཁ་པར་ལ་དངུལ་བླུག་པའི་ཞབས་ཞུ་ནི་ཏའ་ཧན་སན་ཐུང་ཀུང་སིས་མཁོ་འདོན་བྱས། བྱེད་ནུས་འདི་མངོན་འགྱུར་ཡོང་ཆེད་དུ། ང་ཚོ་དང་ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པས་ཁྱེད་ཀྱིས་དངུལ་བླུག་དགོས་པའི་ལག་ཐོག་ཁ་པར་ཨང་གྲངས་སྡུད་དགོས། དེའི་ནང་ནས་ལག་ཐོག་ཁ་པར་ཨང་གྲངས་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ལག་ཐོག་ཁ་པར་འདིར་དངུལ་བླུག་ཆེད་ཡིན།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཁྱེད་ཀྱིས་ཁ་པར་ནང་དུ་དངུལ་བླུག་པའི་བྱེད་སྒོའི་ནང་དུ་ཞུགས་ཐབས་བྲལ།
ཁྱེད་ཀྱིས་ Vmall ཡི་ཕྱོགས་གསུམ་པའི་ཚོང་ཁང་ནང་དུ་ཚོང་ཟོག་ཉོ་དུས། ང་ཚོ་དང་ཕྱོགས་གསུམ་པའི་ཚོང་ཁང་གི་ཚོང་པས་ཁྱེད་ཀྱི་གཤམ་གསལ་ཆ་འཕྲིན་སྡུད་དགོས། འདི་དག་ནི་ཚོང་ཟོག་རྩིས་ལེན་མཁན་གྱི་ས་གནས། ཚོང་ཟོག་རྩིས་ལེན་མཁན་གྱི་རུས་མིང་། ཚོང་ཟོག་རྩིས་ལེན་མཁན་གྱི་ཁ་པར་དེ་བཞིན་ཚོང་ཟོག་མངག་ཐོའི་ཆ་འཕྲིན་བཅས་ཡིན། དེའི་ནང་ནས་ཁ་པར་ནི་མི་སྒེར་གྱི་ཚོར་བ་རྣོན་པོའི་ཆ་འཕྲིན་གྱི་ཁོངས་སུ་གཏོགས། འདིའི་རིགས་ཀྱི་ཆ་འཕྲིན་སྡུད་པའི་དམིགས་ཡུལ་ནི་ཚོང་ཟོག་སྐྱེལ་དུས་ཁྱེད་དང་འབྲེལ་བ་བྱེད་ཐུབ་པའི་ཆེད་དུ་ཡིན།
གལ་སྲིད་ཁྱེད་ཀྱིས་འདིའི་རིགས་ཀྱི་ཆ་འཕྲིན་མཁོ་འདོན་མི་བྱེད་ཚེ། ཕྱོགས་གསུམ་པའི་ཚོང་ཁང་གི་ཚོང་པས་ཁྱེད་ལ་ཚོང་ཟོག་སྐུར་བ་དང་སྐྱེལ་འགྲེམས་དེ་བཞིན་འཚོང་རྗེས་ཞབས་ཞུ་མཁོ་འདོན་བྱ་ཐབས་བྲལ།
ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་རང་ཉིད་ཀྱི་གསང་བའི་སྲིད་ཇུས་དང་སྤྱོད་མཁན་གྱི་གྲོས་ཡིག་ཡོད་སྲིད། ཕྱོགས་གསུམ་པར་མི་སྒེར་གྱི་ཆ་འཕྲིན་མཁོ་འདོན་མ་བྱེད་གོང་དུ། ང་ཚོས་ཁྱེད་ལ་ཕྱོགས་གསུམ་པའི་སྤྱོད་མཁན་གྱི་གྲོས་ཡིག་དེ་བཞིན་གསང་བའི་སྲུང་སྤྱོབ་ཀྱི་སྲིད་ཇུས་དཔེ་ཀློག་བྱ་རྒྱུ་དང་བརྩི་སྲུང་བྱ་རྒྱུའི་བསམ་འཆར་འདོན། དུས་མཚུངས། ང་ཚོས་ཀྱང་ཕྱོགས་གསུམ་པའི་ཞབས་ཞུ་ཚོང་པ་དང་དྲ་རྒྱའི་བདེ་འཇགས་དེ་བཞིན་གསང་བའི་སྲུང་སྐྱོབ་ཀྱི་གྲོས་ཡིག་གམ་འབྲེལ་ཡོད་དོན་ཚན་བཅས་ལ་མིང་རྟགས་འགོད་སྲིད། ཕྱོགས་གསུམ་པའི་ཞབས་ཞུ་མཁོ་འདོན་ཚོང་པར་བཅའ་ཁྲིམས་ཀྱི་རེ་བ་གཞིར་བཟུང་དགོས་པ་དང་། ཧྭ་ཝེའི་གསང་བའི་གསལ་བསྒྲགས་དེ་བཞིན་གཞན་གྱི་འབྲེལ་ཡོད་གསང་སྲུང་དང་བདེ་འཇགས་བྱ་ཐབས་གཞིར་བཟུང་ནས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་དགོས་རྒྱུའི་རེ་བ་འདོན།
ང་ཚོས་ཁྱེད་ཀྱི་རྩིས་ཐེམ་ཆ་འཕྲིན་དང་། ལྟ་བཤེར་གྱི་ཟིན་ཐོ་དེ་བཞིན་གནོན་པའི་ཟིན་ཐོ་བཅས་སྤྱོད་སྲིད། དེ་ནི་ཁྱེད་ལ་སྔར་བས་ལེགས་པའི་ཉམས་ཞིབ་དང་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་མཁོ་འདོན་བྱེད་ཆེད་དུ་ཡིན། ཁྱེད་ཀྱིས་རྩིས་ཐེམ་ཕྱིར་འཐེན་བརྒྱུད་ནས་མི་སྒེར་གྱི་ཁྱད་ཆོས་ལྡན་པའི་ཞབས་ཞུའི་བྱེད་ནུས་ཁ་རྒྱག་ཐུབ།
ང་ཚོས་ཁྱེད་ཀྱི་ཐོ་འགོད་ཆ་འཕྲིན་དང་། ཁ་ཆད་བྱེད་པའི་ཆ་འཕྲིན། ཚོང་ཟོག་མངག་ཐོ་སྐུར་བའི་ཆ་འཕྲིན། ཚོགས་མིའི་རིམ་པའི་ཆ་འཕྲིན་བཅས་ལ་གཞིགས་ནས་ཁྱེད་ལ་ཁྱེད་ཀྱིས་དགའ་པོ་བྱེད་སྲིད་པའི་ཚོང་དོན་གྱི་བརྡ་ཁྱབ་འོས་སྦྱོར་བྱེད། དེའི་ནང་དུ་བརྡ་ཐོའི་སྒྲོམ་ནང་དུ་སྟོན་པའི་བྱེད་སྒོ་དང་བྱ་དགའ་ཐོབ་པ་དེ་བཞིན་དཔྱད་གཏམ་སོགས་ཀྱི་གནས་ཚུལ་ལམ་གློག་རྡུལ་སྦྲག་ཡིག་གམ་འཕྲིན་ཐུང་བརྒྱུད་ནས་ཞབས་ཞུ་གསར་པ་བསྡུ་ལེན་བྱེད་པ་དང་གནས་ཚུལ་འོས་སྦྱོར་བྱེད་པ་བཅས་ཚུད་ཡོད་ལ་དེས་མ་ཚད། ཁྱེད་ཀྱིས་སྒྲིག་བཀོད་དེ་ནས་གནས་ཚུལ་དང་བརྡ་ཐོའི་སྒྲིག་བཀོད་དུ་ཕེབས་ནས། Vmall ཡི་གནས་ཚུལ་དང་བརྡ་ཐོ་བསྡུ་ལེན་ཁ་རྒྱག དེས་འོས་སྦྱོར་གྱི་གནས་ཚུལ་ཁ་རྒྱག་ཐུབ། ཡང་ན་ཚོང་གཉེར་གློག་རྡུལ་སྦྲག་ཡིག་གམ་འཕྲིན་ཐུང་ནང་དུ་མཁོ་འདོན་བྱེད་པའི་མངགས་པ་ཕྱིར་འཐེན་གྱི་བྱ་ཐབས་བརྒྱུད་ནས་ཚོང་དོན་གྱི་བརྡ་ཁྱབ་མངགས་པ་ཕྱིར་འཐེན་བྱ།
ཁྱེད་ཀྱིས་ Vmall སྤྱོད་པའི་རིང་ལ་སྔར་ལས་སྟབས་བདེ་བར་ཁྱེད་མི་སྒེར་གྱི་ཆ་འཕྲིན་ལ་ལྟ་སྤྱོད་དང་དག་བཅོས་སུབ་པ་བཅས་བྱེད་ཆེད་དང་། དུས་མཚུངས་ཁྱེད་ཀྱིས་མི་སྒེར་གྱི་ཆ་འཕྲིན་སྤྱོད་པའི་ཆོག་མཆན་གྱི་ཁེ་དབང་ཕྱིར་འཐེན་བྱེད་ཐུབ་པ་འགན་ལེན་བྱེད་ཆེད་དུ་ང་ཚོས་ཐོན་རྫས་ཇུས་འགོད་ཀྱི་ནང་དུ་ཁྱེད་ལ་དེ་དང་མཐུན་པའི་བཀོལ་སྤྱོད་སྒྲིག་བཀོད་མཁོ་འདོན་བྱེད། ཁྱེད་ཀྱིས་གཤམ་གསལ་མཛུབ་ཁྲིད་ལ་ཟུར་དཔྱད་དེ་བཀོལ་སྤྱོད་གནང་ཆོག
ཟུར་མཆན། ཐོ་ལས་སུབ་རྗེས། ཁྱེད་ཀྱིས་རྩིས་ཐེམ་འདི་སྤྱོད་མི་ཐུབ་པ་མ་ཟད། སླར་གསོ་ཡང་བྱེད་མི་ཐུབ། དུས་མཚུངས། རྩིས་ཐེམ་འདིའི་ Vmall དང་། ཧྭ་ཝེའི་ཞབས་ཞུ་ཕྱོགས་གསུམ་པའི་ཉེར་སྤྱོད་རོལ་རྩེད་བཅས་ཀྱི་མི་སྒེར་གྱི་ཆ་འཕྲིན་ཆ་ཚང་དུས་གཏན་དུ་བསུབ་ངེས། སུབ་རྗེས་སླར་གསོ་བྱེད་ཐབས་བྲལ།
གལ་སྲིད་ཁྱེད་ཀྱིས་ཁྱེད་ཀྱི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་ལ་དོགས་གནད་བསམ་འཆར་རམ་གྲོས་གཞི་གང་རུང་ཞིག་ཡོད་ཚེ། གསལ་བསྒྲགས་འདིའི་ཐོག་མར་ཡོད་པའི་འབྲེལ་གཏུག་བྱ་ཐབས་བརྒྱུད་ནས་ང་ཚོ་དང་འབྲེལ་བ་བྱེད་པ་མ་ཟད་ཁྱེད་ཀྱི་འབྲེལ་ཡོད་ཁེ་དབང་སྤྱོད་རོགས།
ང་ཚོས་ཞབས་ཞུ་འདིའི་རྣམ་གྲངས་འོག་ཏུ་མི་སྒེར་གྱི་ཆ་འཕྲིན་སྡུད་པ་དང་བྱུང་བ། དེ་ཚོ་ཀྲུང་གོ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གྱི་མངའ་ཁོངས་སུ་གསོག་འཇོག་བྱ་ངེས།
ང་ཚོས་དམིགས་ཡུལ་མངོན་འགྱུར་ཡོང་ཆེད་ཁོ་ནར་དགོས་པའི་དུས་ཚོད་ནང་དུ་ཁྱེད་མི་སྒེར་གྱི་ཆ་འཕྲིན་ཉར་གསོག་བྱེད་པ་མ་ཟད་ཉར་གསོག་གི་དུས་ཚོད་ལས་རྒལ་རྗེས་ཁྱེད་མི་སྒེར་གྱི་ཆ་འཕྲིན་སུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱེད། འོན་ཀྱང་བཅའ་ཁྲིམས་ཁྲིམས་སྲོལ་གྱིས་ཟུར་དུ་རེ་བ་འདོན་ཡོད་པ་ཕུད།
Vmall ཡི་ལས་སྒོའི་ནང་དུ། ཁྱེད་མི་སྒེར་གྱི་གཞི་གྲངས་ཉར་བའི་དུས་ཚོད་ཞིབ་ཕྲ་གཤམ་གསལ་ལྟར།
ཁྱེད་ཀྱིས་རྩིས་ཐེམ་ཐོ་ལས་སུབ་རྗེས་སུ། ང་ཚོས་དེ་དང་མཐུན་པའི་མི་སྒེར་གྱི་ཆ་འཕྲིན་སུབ། དེའི་ནང་དུ་སྒྲིག་ཆས་ཀྱི་ཆ་འཕྲིན། དྲ་རྒྱའི་ཆ་འཕྲིན། རྩིས་ཐེམ་གྱི་ཆ་འཕྲིན་དེ་བཞིན་བཀོལ་སྤྱོད་ཀྱི་ཟིན་ཐོ་སོགས་ཚུད་ཡོད། ཚོང་ཟོག་མངག་ཐོའི་ཆ་འཕྲིན་གཙོ་བོ་འཚོང་རྗེས་ཞབས་ཞུ་དང་། ཁྲལ་དོན། དངུལ་རྩ། ནོར་དོན་བཅས་འབྲེལ་ཡོད་གཏན་འབེབས་སུ་སྤྱོད་པའི་རྐྱེན་གྱིས་ཉར་ཚགས་བྱ་བའི་དུས་ཡུན་ནི་ལོ་ 7 ཡིན། ཁྱེད་ཀྱིས་གཞི་གྲངས་ཉར་ཚགས་བྱ་བའི་དུས་ཡུན་ནང་དུ་རྩིས་ཐེམ་སུབ་པའམ་རང་འགུལ་གྱིས་ཚོང་ཟོག་མངག་ཐོ་སུབ་པ་ཡིན་ཚེ། མདུན་སྟེགས་སུ་སུབ་འདོར་བྱེད་པ་ཙམ་རེད། ཧྭ་ཝེའི་རྒྱབ་སྟེགས་ལ་འདིའི་རིགས་ཉོ་ཚོང་གི་གཞི་གྲངས་ཉར་ཚགས་བྱ་བའི་དུས་ཡུན་མཇུག་སྒྲིལ་སྒྲིལ་བར་དུ་ཉར་གསོག་བྱེད་པའི་དབང་ཆ་ཡོད།
དེ་མིན། ང་ཚོའི་ཐོན་རྫས་སམ་ཞབས་ཞུ་འཁོར་སྐྱོད་བྱེད་མཚམས་བཞག་པའི་གནས་ཚུལ་ཐོན་ཚེ། ང་ཚོས་བརྡ་ཐོ་དང་སྤྱི་བསྒྲགས་སོགས་ཀྱི་བྱེད་ལུགས་ཐོག་ནས་ཁྱེད་ལ་བརྡ་ཐོ་གཏོང་བ་མ་ཟད་ལུགས་མཐུན་གྱི་དུས་ཡུན་ནང་དུ་ཁྱེད་མི་སྒེར་གྱི་ཆ་འཕྲིན་སུབ་པའམ་མིང་མི་འགོད་པའི་ཐོག་ནས་ཐག་གཅོད་བྱེད།
ཧྭ་ཝེ་ཡིས་དུས་དང་མཐུན་པར་གསལ་བསྒྲགས་འདི་གསར་སྒྱུར་བྱེད་པའི་དབང་ཆ་སོར་ཉར་བྱེད། གསལ་བསྒྲགས་ལ་འགྱུར་ལྡོག་བྱུང་དུས་ང་ཚོས་འཕར་སྒྲོམ་གྱི་རྣམ་པའི་ཐོག་ནས་ཁྱེད་ལ་འགྱུར་ལྡོག་གཏོང་རྗེས་ཀྱི་གསལ་བསྒྲགས་སྟོན། ཁྱེད་ཀྱི་མོས་མཐུན་ཐོབ་རྗེས་སུ་ང་ཚོས་གཞི་ནས་གསར་སྒྱུར་བྱེད་རྗེས་ཀྱི་གསལ་བསྒྲགས་ལ་གཞིགས་ནས་ཁྱེད་མི་སྒེར་གྱི་ཆ་འཕྲིན་སྡུད་པ་དང་སྤྱོད་པ་དེ་བཞིན་གསོག་འཇོག་བཅས་བྱེད།
གསལ་བསྒྲགས་འདི་གསར་སྒྱུར་བྱེད་པའི་ཉིན་དེ་ནས་ནུས་པ་ཐོན།
ཉེ་ཆར་དུ་གསར་སྒྱུར་བྱས་པའི་ཚེས་གྲངས་ནི་སྤྱི་ལོ་ 2018 ཟླ་བ་ 3 ཚེས་ 29 ཉིན།
གལ་ཆེའི་གསལ་འདེབས། གསང་བའི་གསལ་བསྒྲགས་འདི་ནི་ཧྭ་ཝེའི་ཁྲོམ་རའི་གསང་བའི་ཐད་ཀྱི་ཞིབ་གླེང་དང་ཁས་ལེན་གྱི་སྐོར་རེད། གལ་སྲིད་ཁྱེད་ཀྱིས་དེ་ལས་མང་བའི་གཞི་གྲངས་གྲུབ་ཆ་གཙོ་བོའི་ཁེ་དབང་དང་ཆ་འཕྲིན་བདེ་འཇགས་བྱེད་ཐབས་སོགས་ཀྱི་སྐོར་གྱི་ཞིབ་ཕྲའི་ཆ་འཕྲིན་ལ་རྒྱུས་མངའ་ལོན་འདོད་ཚེ་ཧྭ་ཝེའི་འཛད་སྤྱོད་པའི་ལས་སྒོའི་གསང་བའི་གསལ་བསྒྲགས་ཞེས་པ་ཀློག་གནང་རོགས།